-
དཔེ་མི་སྲིད་པོའི་
- ཨ་མ་མ།་ཁེ་ས་ཡི་སློབ་ཚན་དེ་དཔེ་མི་སྲིད་པོའི་ཁག་པོ་འདུག་ག
- Jesuschrist! Yesterday’s lesson was such a headache!
-
ཧ་ཅང་(གིས)།
- བོད་ལ་ཁ་ཆེ་ཧ་ཅང་(གིས་)ཉུང་ཉུང་ཡོད་རེད།
- There are very few muslims in Tibet.
-
ཧ་ལས་ཡག།
- ཁེ་ས་ཐུགས་སྤྲོ་དེ་ཧ་ལས་ཡག་སྐྱིད་པོ་བྱུང་སོང་།
- Yesteday’s party was sooooo much fun!
-
ཧང་སང་ཡག་
- དཔེ་ཆ་འདི་ཧང་སང་ཡག་རྩ་ཆེན་པོ་ཅིག་རེད།
- This pecha is incredibly precious.
-
ཞེ་དྲགས།
- བུ་མོ་འདི་རིག་པ་སྤྱང་པོ་ཞེ་དྲགས་འདུག
- This girl is very clever.
-
དཔེ།
- ལུང་པ་འདི་དཔེ་སྐྱོ་པོ་རེད།
- This country is very poor.
-
ཞེ་པོ་གཅིག
- དོན་དག་འདི་གལ་ཆེན་པོ་ཞེ་པོ་གཅིག་རེད།
- The meaning of this is extremely important.
-
རྦད་དེ་
- ང་རྦད་དེ་མགོ་འཐོམ་སོང་།
- I got utterly confused!
-
རྐྱང་ (adj)
- ཁྱེད་རང་ཁོང་ལ་ཡིན་ཆེས་བྱེད་རོགས་གནང་། སེམས་པ་དཀར་པོ་དཀར་རྐྱང་རེད།
- Please trust him! He has a completely pure (lit. white) heart.
-
རྐྱང་ (verb)
- གོ་སྐབས་རག་ན་བོད་ལ་འགྲོ་རྐྱང་བྱེད་ཀྱི་ཡིན།
- If I get a change, I will just go to Tibet
-
ཡོས་
- ཨ་མ་མ། གཞས་འདི་ཡོས་སྙན་པོ་འདུག
- Oh my gosh, this song is so nice!
-
ཐག་ཆོད།
- ཁྱེད་རང་གིས་བཟོས་པའི་འཐེན་ཐུག་འདི་ཞིམ་ཐག་ཆོད་འདུག
- The noodle soup which you made is extremely tasty!
-
སའི་
- ཟ་ཁང་འདི་ལ་ཁ་ལག་ཞིམ་སའི་འདུག
- The food at this restaurant is quite nice.
-
ཙམ (about)
- མི་བརྒྱ་ཙམ།
- About 100 people.
-
ཙམ (a bit more X)
- མོ་ཊ་མགྱོགས་ཙམ་གཏོང་རོགས་གནང་།
- *Please drive the car a bit faster! (H)
-
ཙམ་ (by merely)
- བློ་བསང་གིས་སྒྲོལ་མ་ལགས་ཐེངས་མ་གཅིག་མཐོང་བ་ཙམ་གྱིས་རྦད་དེ་སེམས་པ་ཤོར་སོང་།
- By only seeing Dolma-la once, Lobsang fell completely in love with her.
-
ཨོ་ཙམ་
- བདེ་པོ་ཨོ་ཙམ་ཡིན།
- I am not too bad.
-
སེ་
- ཁྱེད་རང་གིས་ཉོས་པའི་དུག་སློག་དེ་ཚོ་སྙིང་རྗེ་པོ་སེ་མི་འདུག
- The clothes you bought are not particularly beautiful.
-
རང་
- ཁོང་བོད་པ་རང་རེད།
- *He is very Tibetan
-
དྲགས་
- ཅ་ལག་འདི་གོང་ཆེ་དྲགས་(ཀྱི་)འདུག;
- This thing is too expensive.
-
དྲགས་
- ངས་ཁ་ལག་མང་དྲགས་ཡག་བཟས་པ་ཡིན། or ང་ཁ་ལག་ཟ་ཡག་མང་དྲགས་སོང་།
- I ate too much.
-
ཁྱོན་ནས་ (adj)
- ཁོང་ཇུས་གཏོགས་ཚ་པོ་ཁྱོན་ནས་ཡོད་མ་རེད།
- He never looks into things that aren’t his/her affairs.
-
ཁྱོན་ནས་ (noun)
- ཁོང་ཨ་རག་ཁྱོན་ནས་འཐུང་གི་ཡོད་མ་རེད།
- He never drinks alcohol.
-
གཏན་ནས་
- ཁོང་ཧམ་པ་ཚ་པོ་གཏན་ནས་ཡོད་མ་རེད།
- He isn’t really pushy.
-
རྩ་བ་ཉིད་ནས་
- ཁོང་རྒྱལ་ཆེན་པོ་རྩ་བ་ཉིད་ནས་ཡོད་མ་རེད།
- He is not proud at all.
-
ལ།
- ཨ་མ་མ། གུང་སེང་དེ་ཚོ་སྐྱོད་པ་ལ།
- Wow, how nice the holidays are!
-
གང་འདྲས་
- ཅ་ལག་འདྲི་གང་འདྲས་གོང་ཆེ་པོ་འདུག
- Wow, how expensive this thing is!
-
ལོད་
- མདང་གསུང་ཆོས་ལ་མི་མང་ལོད་འདུག མི་མང་ཐག་ཆོད་འདུག
- *How many people were at the teaching yesterday?
-
as … as
- ངས་སློབ་སྦྱོང་གང་ཡག་ཡག་བྱེད་ཀྱི་ཡོད།
- I study as well as I can.
- ཁོང་གིས་ང་ཚོ་ལ་རོགས་པ་གང་ཐུབ་ཐུབ་བྱེད་ཀྱི་འདུག
- He helps us as much as he can.
- ངས་སློང་མཁན་ལ་དངུལ་གང་ཡོད་ཡོད་སྤྲད་པ་ཡིན།
- I gave the beggar as much as I had.